ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་མཇལ་འཕྲད།
2013.02.24

༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་ཉེ་ལམ་ཨ་མེ་རི་ཀའི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་སྐབས་དབུས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་རྒྱུན་ལས་གཉིས་ནས་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང༌།བལ་ཡུལ་ནང་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་གྱི་སྐུ་ཕུང་ད་བར་རྩིས་སྤྲོད་མ་བྱུང་བའི་དཀའ་ངལ་སོགས་སྙན་སེང་ཞུས་པའི་ཐད་དབུ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས་སུ་རིག་འཛིན་ཆོས་སྒྲོན་ལགས་ནས་གནས་འདྲི་ཞུས་པར་གསན་རོགས༎