བོད་ཐོག་འཛིན་པའི་སྲིད་ཇུས།
2012.11.29
ཨ་རིའི་ཕྱི་སྲིད་ལས་ཁང༌།
༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་རྒྱ་ནག་ནང་གི་ཨ་མེ་རི་ཀའི་གཞུང་ཚབ་ཆེན་མོ་སྐུ་ཞབས་གེ་རི་ལོཀ་མཆོག་ནས་ཨ་རིའི་སི་ཨེན་ཨེན་བརྙན་འཕྲིན་ལས་ཁང་གིས་ལས་རིམ་ཐོག་བོད་དོན་སྐོར་གནས་ཚུལ་གསལ་འདོན་གནང་བའི་ནང་བོད་ནང་གི་རང་ལུས་མེར་སྲེག་གི་གནས་སྟངས་ཐོག་ཐུགས་འཚབ་ཡོད་པ་དང༌།རྒྱ་ནག་གི་དབུ་ཁྲིད་འཕོ་འགྱུར་རྗེས་བོད་ནང་གི་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་ཡོད་པ།དེ་བཞིན་རྒྱ་གཞུང་གིས་བོད་མིའི་སྐད་ཡིག་དང་རིག་གཞུང་།འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་དགོས་པའི་མུ་མཐུད་རེ་འདུན་བཏོན་ཡོད་པའི་སྐོར་ངོ་སྤྲོད་གནང་བའི་གནས་ཚུལ་ཁག་ཅིག་དོན་གྲུབ་རྣམ་རྒྱལ་ལགས་ནས་ཕྱོགས་སྒྲིག་ཞུས་པར་གསན་རོགས༎