ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར།
2012.12.19
གྲོས་ཚོགས་ཀྱི་དྲ་གནས།
༄༅༎ཕྱི་ཟླ་༡༢ཚེས་༡༠རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ནས་བཟུང་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོརྐ་ནང་རྟེན་གཞི་བྱས་པའི་བོད་རང་བཙན་ཆེད་ཀྱི་སློབ་ཕྲུག་ཚོགས་པ་དང༌།བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཕརེངྐ་ཝུལཕ་མཆོག་དང་།ཇིམ་མེཀ་ག་ཝན་མཆོག་རྣམ་གཉིས་ཀྱིས་བྲིས་པའི་བོད་ཀྱི་དཀའ་ངལ་སེལ་ཆེད་ཀྱི་ཞུ་ཡིག་ཅིག་ཨ་རིའི་འཛིན་མཆོག་ལ་འབུལ་འཆར་ཡོད་པ་དེའི་སྟེང་གྲོས་ཀྱི་འཐུས་མི་མང་པོས་ཀྱང་མཚན་རྟགས་བཀོད་གནང་ཡོད་པ་སོགས་ཀྱི་སྐོར་དོན་གྲུབ་རྣམ་རྒྱལ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎