བོད་པའི་སྐད་ཡིག་རྩ་མེད་བཟོ་བའི་ཐབས་ཇུས།
2013.02.06
༄༅༎ཐེངས་འདིའི་སློབ་གསོའི་མདུན་བགྲོས་ཞེས་པའི་ལེ་ཚན་གྱི་ནང་དུ་བོད་མདོ་སྨད་ཁུལ་དུ་དགུན་ཁའི་སློབ་གྲྭའི་གུང་སེང་སྐབས་སློབ་མ་ཚོར་བོད་ཡིག་སློབ་འཁྲིད་བྱེད་མི་ཆོག་པའི་དམ་བསྒྲགས་བྱེད་བཞིན་ཡོད་པ་སོགས་རྒྱ་ནག་གཞུང་གིས་བོད་པའི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ཐབས་ཇུས་ལ་བོད་མི་ཚོས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎