བོད་མིའི་ཚོང་ལས་ཀྱི་ཟབ་སྦྱོང༌།
2009.04.28
༄༅༎ཐེངས་འདིའི་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་གྱི་ནང་དུ་རྒྱ་གར་ནང་དུ་ཡོད་པའི་སྐྱབས་བཅོལ་བོད་མིའི་ཚོང་པའི་སྤྱི་མཐུན་ཚོགས་པས་བོད་རིགས་ཚོང་པ་ཚོར་དངུལ་ཁང་གི་འགྲོ་སྟངས་དང་།མ་རྩ་གསོག་འཇོག་དང་སྔོན་རྩིས་དང་མ་གནས་གཏན་འབེབ་བྱ་ཕྱོགས་སོགས་ཀྱི་ཐད་ལམ་སྟོན་དང་ཟབ་སྦྱོང་སོགས་གནང་འཆར་འདུག་པ་དེའི་ཐད་དྲུང་ཆེ་འཆི་མེད་ཚེ་རིང་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས༎