ལ་དྭགས་བྱང་ཐང་དུ་གངས་སྐྱོན།
2013.03.20
༄༅༎ཐེངས་འདིའི་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་གྱི་ནང་དུ་རྒྱ་གར་བྱང་ཕྱོགས་ལ་དྭགས་བྱང་ཐང་ཁུལ་དུ་འདི་ལོ་གངས་སྐྱོན་ཤུགས་ཆེ་བྱུང་ནས་བོད་མི་འབྲོག་པ་རྣམས་ཀྱི་འཚོ་རྟེན་སྒོ་ཕྱུགས་སེམས་ཅན་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཏེ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་ཕོག་འདུག་པས་འབྲོག་པ་དེ་དག་གི་ད་ལྟའི་གནས་སྟངས་སྐོར་ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་གནས་འདྲི་ཞུས་པར་གསན་རོགས༎