༸གོང་ས་མཆོག་ལ་བརྟན་བཞུགས།
2012.09.28
བོད་མིའི་སྒྲིག་འཛུགས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎བཙན་བྱོལ་ནང་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་ཐུན་མོང་ཐོག་ནས་སྐོང་ཚོགས་གནང་བའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཉིན་མཐའ་མར། བོད་གཞུང་མང་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་ཡོད་པིའ་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎