དཔལ་འབྱོར་ལགས་ཀྱི་ལོ་རྒྱུས་༢།

རྒྱ་གར་ལྷོ་ཕྱོགས་ལུགས་བཟུང་བསམ་གྲུབ་གླིང་དུ་བཅའ་བཞུགས་སྐུ་ཞབས་དཔལ་འབྱོར་ལགས་ཀྱི་མི་ཚེའི་ལོ་རྒྱུས།

2010.05.05

༄༅༎ཐེངས་འདིའི་བཙན་བྱོལ་གྱི་མི་ཚེ་ཞེས་པའི་ལེ་ཚན་གྱི་ནང་དུ་རྒྱ་གར་ལྷོ་ཕྱོགས་ལུགས་བཟུང་བསམ་གྲུབ་གླིང་བོད་མིའི་གཞིས་སྒར་ནང་བཅའ་བཞུགས་དབུས་གཙང་ལྕངས་གྲོང་དུ་འཁུངས་པ་ད་ཆ་དགུང་ལོ་༨༤ཙམ་ལ་ཕེབས་པའི་དཔལ་འབྱོར་ལགས་ཀྱི་མི་ཚེའི་ལོ་རྒྱུས་ལས།ཁོང་དགུང་ལོ་༡༣ཡིན་པའི་སྐབས་སུ་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་མདོ་སྨད་སྟག་འཚེར་ནས་བོད་ཀྱི་རྒྱལ་ས་ལྷ་སར་གསེར་ཁྲི་མངའ་གསོལ་ཞུ་བར་གདན་འདྲེན་ཞུ་སྐབས་ཕེབས་ལམ་དུ་རྒྱལ་བ་རིན་པོ་ཆེའི་མཇལ་ཁ་ཐོག་མར་ཐོབ་པ་དང་།ནོར་བུ་གླིང་ཁང་གོང་ས་མཆོག་གི་དྲུང་ནས་དུས་འཁོར་དབང་ཆེན་དང་པོ་ཞུས་པ་སོགས་སྐལ་བཟང་གོ་སྐབས་ཐོབ་པའི་དགའ་མགུའི་ཚོར་བ་མྱོང་རྒྱུ་བྱུང་བ་སོགས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་འབེན་པ་སྟོབས་རྒྱལ་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎