བཀྲ་ཤིས་ཉི་མའི་ལོ་རྒྱུས་༢།
2010.06.17
༄༅༎དེ་རིང་གི་བཙན་བྱོལ་གྱི་མི་ཚེའི་ལེ་ཚན་ནང་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀུ་པིར་ལུགས་བཟུང་བསམ་གྲུབ་གླིང་བོད་མིའི་གཞིས་སྒར་ནང་གི་རྒས་གསོ་ཁང་ནང་བཞུགས་བཞིན་པའི་བཀྲ་ཤིས་ཉི་མ་ལགས་ཀྱི་མི་ཚེའི་སྟོད་ཆའི་དུས་རབས་ནང་ཁོང་དགུང་ལོ་བཅོ་བརྒྱད་ལ་སོན་སྐབས་ཁོང་གིས་རྒྱ་ནག་ནང་ཚོང་ཟོག་ཉོ་བར་ཕྱིན་ཏེ་སྐབས་དེར་རྒྱ་ནག་གི་དམར་ཤོག་ཚོགས་པས་གོ་མིན་ཏང་གི་ཕྱོགས་གཏོགས་པ་ཚོར་དྲག་གནོན་བྱེད་བཞིན་པ་དངོས་སུ་མཐོང་བ་དང་།དགུན་ཁའི་སྐབས་སུ་ཁོང་གིས་རྒྱ་གར་ནང་ཚོང་རྒྱག་གི་ཡོད་སྟབས་རྒྱ་བོད་གཉིས་ཀྱི་གནས་སྟངས་ལ་བསམ་བློ་ཞིབ་ཏུ་བཏང་སྟེ་མཐར་བོད་ལ་ལོག་པ་ལས་རྒྱ་གར་ནང་བཙན་བྱོལ་བ་བྱས་ནས་སྡོད་རྒྱུའི་ཐག་གཅོད་བྱས་པའི་ལོ་རྒྱུས་སྐོར་ཁོང་གིས་ཞལ་ནས་གསུངས་པ་སྙིང་བསྡུས་ཤིག་རྩོམ་སྒྲིག་འགན་འཛིན་འབེན་པ་སྟོབས་རྒྱལ་ལགས་ནས་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎