གསང་བའི་ཐོག་ཨ་མདོ་རེབ་གོང་ཁུལ་བསྐྱོད་པ།
2012.04.17
༄༅༎ཐེངས་འདིའི་འཛམ་གླིང་སྐར་ཁུང་གི་ལེ་ཚན་ནང་དུ་ཕ་རེནས་གསར་འགོད་པ་ Ursula Gauthier ཡིས་ཉེ་ལམ་གསང་བའི་ཐོག་ནས་བོད་མདོ་སྨད་རེབ་གོང་དང་འབའ་རྫོང་བཅས་པར་བསྐྱོད་དེ་བོད་མི་ཚོས་རང་ལུས་ཞུགས་འབུལ་གནང་བའི་དོན་རྐྱེན་ཐད།ས་གནས་བོད་མི་ཚོས་བལྟ་ཚུལ་ཇི་འདྲ་འཛིན་གྱི་ཡོད་པའི་སྐོར་གནས་ཚུལ་སྤེལ་བ་ཞིག་ངག་དབང་ཆོས་འཕེལ་ལགས་ནས་ཕྱོགས་སྒྲིག་ཞུས་པར་གསན་རོགས༎