རྒྱ་གར་ནས་གསར་འགོད་པ་དགོས།

རྒྱ་གར་སྒང་ཏོག་དང་ཌེ་ར་ཌུན་ནས་གསར་འགྱུར་མཁོ་གཏོང་བ་དགོས་པའི་གསལ་བསྒྲགས།

2010.07.14

༄༅༎ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱ་གར་སྒང་ཏོག་ས་གནས་ནས་(དབུས་སྐད)་དང་རྒྱ་གར་ཌེ་ར་ཌུན་བོད་མི་གཞིས་ཆགས་ཁག་ནས་(ཁམས་སྐད་)ཁག་སོ་སོ་ནས་གནས་ཚུལ་མཁོ་གཏོང་གནང་མཁན་གསར་འགོད་པ་རེ་དགོས་པའི་ས་མིག་གསལ་བསྒྲགས།

 དགོས་ངེས་ཆ་རྐྱེན།

༡ དབུས་སྐད་དང་ཁམས་སྐད་ལ་བྱང་ཆ་ཡོད་པའི་ཐོག་མ་མཐར་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ། ཡང་ན་མཐོ་སློབ་གྱི་ཤེས་ཚད་ཡོད་པ་ཁུངས་ལྡན་ར་སྤྲོད་ཐུབ་པ།

 ༢ ཨིན་ཡིག་དང༌། རྒྱ་ཡིག ཧིན་རྡི་ གང་རུང་གི་ཤེས་ཚད་རང་རྐྱ་འཕེར་ངེས་ཡོད་པ།

 ༣ བོད་ནང་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ལ་རྒྱུས་མངའ་ཡོད་པ་

 ༤ དྲང་བདེན་དང་ཕྱོགས་ལྷུང་མེད་པར་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ།

 ༥ གཞུང་དང༌། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་རུང་དང་མ་འབྲེལ་བར་གསར་འགོད་པའི་ངོ་བོར་གནས་ཐུབ་པ།

༦་རྒྱ་གར་དུ་ཁྲིམས་མཐུན་གྱི་གནས་སྡོད་ཆོག་པའི་དགོས་ངེས་ཡིག་ཆ་ཁག་ཡོད་པ་

ལས་འགན་

སྒང་ཏོག་དང་ཌེ་ར་ཌུན་ དེའི་ཉེ་འཁྲིས་ས་གནས་སུ་བྱུང་བའི་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་དུས་ཐོག་གཏོང་ཐུབ་པ་དགོས། 

གོང་གསལ་ས་མིག་ཐོག་ལས་ཀ་བྱེད་འདོད་ཡོད་ཚེ་ སློབ་ཐོན་ལག་འཁྱེར་དང་དོ་དག་གི་ལོ་རྒྱུས། གསར་འགོད་པའི་ལས་ཀ་བྱེད་འདོད་པའི་རྒྱུ་མཚན་དང་དམིགས་ཡུལ་མདོར་བསྡུས། མི་གཞན་གྱིས་དོ་བདག་ངོ་སྤྲོད་ཁག་གཉིས་བཅས་ཕྱི་ལོ་༢༠༡༠ ཕྱི་ཟླ ༨ཚེས ༡༥ འགྱངས་མེད་གློག་འཕྲིན་ཁ་བྱང་ Email: chhonzomd@rfa.org དང་ཡང་ན་མྱུར་འཕྲིན་༢༠༢-༥༣༠-༧༧༩༧ དེ་མིན་གཤམ་གསལ་ཁ་བྱང་ཐོག་སྦྲག་ཐོག་ངེས་འབུལ་ཡོང་བ་དགོངས་འཇགས་ཞུ།།

 

Address:

c/o Tibetan Service

Dolma Choezom

Radio Free Asia,

2025 M Street NW

suite 3000

Washintong DC 20036

USA

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎