མང་གཙོའི་ཕྱོགས་སུ་མི་བསྐྱོད་ཐབས་མེད།


2013.09.17
༸གོང་ས་མཆོག་ནས་རྒྱ་ནག་ཇི་ཙམ་སྟོབས་ཆེ་ཡང་འཛམ་གླིང་སྤྱིའི་འགྲོ་ལུགས་ལྟར་མང་གཙོའི་ཕྱོགས་སུ་མི་བསྐྱོད་ཐབས་མེད་ཅེས་བཀའ་སྩལ་བ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་སྟོབས་ཆེན་ཇི་ཙམ་ཆགས་མིན་ལ་མ་བལྟོས་པར་འཛམ་གླིང་སྤྱིའི་འགྲོ་ལུགས་ལྟར་མང་གཙོ་དང་གནས་ཚུལ་རང་དབང་གི་ཕྱོགས་སུ་མི་བསྐྱོད་ཐབས་མེད་ཡིན་པ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིན་རེའི་གསར་ཤོག་ Hospodarske ཞེས་པའི་གསར་འགོད་པར་བཀའ་ལན་སྩལ་སྐབས་གསུངས་ཡོད་པ་རེད།
གཟའ་ཟླ་བའི་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་ཤོག་ལས་ཁང་དེས་༸གོང་ས་མཆོག་ལ་བཅར་འདྲི་ཞུས་པའི་བཀའ་ལན་གཞན་ཞིག་གི་ནང་།རྒྱ་ནག་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་།འཛམ་གླིང་ནང་གལ་ཆེའི་ལས་དོན་གྲུབ་ཐུབ་མཁན་ཞིག་ཀྱང་ཡིན།འོན་ཀྱང་དེ་ལྟ་བུའི་ལས་དོན་འགྲུབ་ཐུབ་པ་ཡོང་རྒྱུར་འཛམ་གླིང་གི་ཡིད་ཆེས་དགོས་ཐོབ་དགོས་པ་དང་།གནས་ཚུལ་ཤེས་རྟོགས་ཐད་དམ་བསྒྲགས་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ལ་ཡིད་ཆེས་དེ་ཐོབ་ཀྱི་མ་རེད་ཅེས་བཀའ་གནང་འདུག།
ཡང་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་མུ་འཐུད་རྒྱ་ནག་ནང་ཁུལ་འཆམ་མཐུན་དང་ལྷག་པར་དུ་གྲང་ཉུངས་མི་རིགས་ཕན་ཚུན་དབར་གྱི་འཆམ་མཐུན་གོང་འཕེལ་གཏོང་རྒྱུའི་ལས་དོན་མུ་འཐུད་སྤེལ་བའི་ཐུགས་རེ་གནང་གི་ཡོད་ཅེས་དང་། འོན་ཀྱང་དྲག་གནོན་དང་འཇིགས་བསྐུལ་ནི་དེའི་ལྡོག་ཕྱོགས་སུ་འགྲོ་ཡི་ཡོད་པ་རེད་ཅེས་བཀའ་གནང་འདུག།
ཡང་གསར་འགོད་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་ཤུགས་ཆེ་བྱེད་བཞིན་པའི་ཐད་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར་༧གོང་ས་མཆོག་ནས་རྒྱལ་ཁབ་ཕན་ཚུན་དབར་གྱི་ཚོང་འབྲེལ་ནི་གལ་ཆེན་པོ་ཡིན་ལ།རྒྱ་ནག་ཡང་འཛམ་གླིང་ཚོང་ལས་ཀྱི་ཆ་ཤས་ཤིག་ཡིན་པ་རེད།འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་བརྡེལ་བཤིག་གཏོང་བའི་གནས་ཚུལ་བྱུང་སྐབས་ཡུལ་གྲུ་གཞན་ཚོས་རང་ཉིད་ཀྱི་ལངས་ཕྱོགས་བརྟན་པོ་བཟུང་དགོས་ཀྱི་རེད་ཅེས་བཀའ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎