༸གོང་ས་མཆོག་བུ་ལུ་མིང་ཀྲོན་དུ་ཞབས་སོར་འཁོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཉིན་གྲངས་བཅུ་གཉིས་རིང་ཆོས་འབྲེལ་མཛད་འཆར་བསྐྱང་རྒྱུ།

2010.05.12
ཨ་ཀྱ་རིན་པོ་ཆེས་༸གོང་ས་མཆོག་ལ་ཕེབས་བསུ་ཞུ་བཞིན་པ།
བཙན་བྱོལ་བོད་གཞུང་གི་དྲ་གནས།

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༡ཉིན་རྒྱ་གར་ནས་ཡོ་རོབ་ཡུལ་གྲུ་བརྒྱུད་ཐོག་མར་ཨ་རིའི་གྲོང་ཁྱེར་ Chicago གནམ་ཐང་དུ་༸ཞབས་སོར་འཁོད་གནང་མཛད་ཏེ་ཨ་རིའི་ནང་གི་མཛད་འཆར་དབུ་འཛུགས་གནང་ཡོད་པ་རེད།  Chicago གནམ་ཐང་དུ་ཆིབས་བསྒྱུར་བསྐྱངས་སྐབས་བཙན་བྱོལ་བོད་གཞུང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་བློ་བཟང་སྙན་གྲགས་ལགས་ཀྱིས་གཙོས་པའི་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་དེ་བཞིན་ཨ་རིའི་སྙན་གྲགས་ཅན་གྱི་གློག་བརྙན་འཕྲབ་སྟོན་པ་ཞིག་ཡང་ཕེབས་བསུར་བཅར་་གནང་བ་དང་འབྲེལ།ད་རེས་ཀྱི་མཛད་འཆར་ཐོག་མ་བསྐྱངས་ས་ Indiana མངའ་སྡེའི་Bloomington གྲོང་ཁྱེར་དུ་༸ཞབས་སོར་འཁོད་སྐབས་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་ སྐུ་འབུམ་བྱམས་བརྩེ་གླིང་གི་འགན་འཛིན་ཨ་ཀྱ་རིན་པོ་ཆེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་མཇལ་དར་དཀར་གཙང་ཕུལ་བ་དང་ཏེ་ལོ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་ཁག་ཅིག་ཀྱང་ཕེབས་བསུར་བཅར་གནང་ཡོད་ཅིང་དེ་བཞིན་ས་གནས་མང་ཚོགས་དང་བོད་པའི་སློབ་ཕྲུག་ཚོས་ལུས་ལ་བོད་ཆས་ཟབ་ཆོར་སྤྲས་ནས་  བཀྲིས་ཞོལ་པའི་གར་གྱི་་འཁྲབ་སྟོན་ཕུལ་བ་སོགས་ ༧གོང་ས་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་སྐུ་འབུམ་བྱམས་བརྩེ་གླིང་ནས་ ཆོས་འབྲེལ་སླད་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཆིབས་སྒྱུར་བསྐྱངས་གནང་བ་ཞིག་ཡིན་པ་དང་།ས་ཁུལ་དེའི་ནང་བཞུགས་བཞག་གསུམ་རིང་ ཕྱི་ཚེས་༡༢་དང་༡༣ཉིན་Indiana མཐོ་སློབ་ཁང་ནང་ཤེས་རབ་སྙིང་པོའི་གསུང་ཆོས་བཀའ་དྲིན་སྐྱོང་གནང་མཛད་ཀྱི་ཡོད་པ་དང་།ཕྱི་ཚེས་༡༤ཉིན་Indiana མངའ་སྡེའི་གྲོང་ཁྱེར་Indianapolis ནང་མང་ཚོགས་ཀྱི་བཀའ་སློབ་བཀའ་དྲིན་མཛད་ཀྱི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎