བོད་ཕྱི་ནང་གཉིས་སུ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།
རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཤུགས་རྐྱེན་དང་ནུས་པ་ནག་བསུབ་གཏོང་ཐབས་བྱེད་ཀྱི་ཡོད་པའི་དུས་སྐབས་འདིར། བོད་ནང་མཚོན་ན་བོད་མི་ཚོས་རང་རང་སོ་སོས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་ཅིང་། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་མཚོན་ན། ཕྱི་ཚེས་ ༥ ནས་དམ་དྲག་ཆེ་རུ་བཏང་སྟེ་གཞུང་གི་ལས་བྱེད་པ་རྣམས་གཟའ་སྤེན་པ་ཚེས་ ༦ དགུང་གསེང་གི་ཉིན་ལས་བཅར་ཞུ་དགོས་པའི་བཀོད་ཁྱབ་བཏང་སྟེ་དྭོགས་ཟོན་བྱེད་བཞིན་པའི་སྐབས་འདིར་བཙན་བྱོལ་ནང་བོད་མི་ཚོས་༧སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུས་ཡོད་པ་རེད། བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་དང་། རྩོམ་སྒྲིག་འགན་འཛིན་ལས་ཚབ་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།