ར་ཤི་ཡའི་དད་ལྡན་ཆོས་ཞུ་བ།
2010.11.30

༸གོང་ས་མཆོག་གི་དྲ་གནས།
༄༅༎ཕྱི་ལོ་༢༠༡༠ ཟླ་ ༡༡ ཚེས་ ༣༠ རེས་གཟའ་མིག་དམར་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེད་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ར་ཤི་ཡའི་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་བུ་རི་ཡད་དང༌།ཏུ་ཝ་སོགས་ཀྱི་དད་ནང་པ་ཁག་གཅིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱིས་ཕྱི་ནང་མི་མང་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། གསང་བ་འདུས་པའི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎