ནིའུ་ཡོརྐ་བོད་མིར་མཇལ་ཁ།
2012.10.22
བསོད་ནམས་རྫོགས་སངས།
༄༅༎ཕྱི་ཟླ་༡༠ཚེས་༢༡རེས་གཟའ་ཉི་མའི་ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོརྐ་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོའི་སྐོར་གསུང་ཆོས་སྩལ་བ་དང༌།ས་གནས་ཀྱི་བོད་མི་དང༌།སོག་པོ།ཀལ་མུག་མི་རིགས་གསུམ་སྟོང་ལྷག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ནིའུ་ཡོརྐ་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎