འཇར་མེ་ནིར་ཆིབས་ཞལ་གྱུར་བ།
2013.09.18
༄༅༎ཕྱི་ཟླ་༩ཚེས་༡༧རེས་གཟའ་མིག་དམར་གྱི་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརཱག་ནང་གི་ཕི་ལོ་སོ་ཕི་མཐོ་སློབ་ཁང་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་འདིའི་བདག་པོ་འཛམ་གླིང་གི་མི་དམངས་རྣམས་ཡིན་པ་དང༌།ལམ་ལུགས་འདྲ་མིན་བྱུང་བའི་ཁྲོད་ནས་མང་གཙོའི་ལམ་ལུགས་དེ་ཡིན་པའི་སྐོར་གྱི་བཀའ་སློབ་སྩལ་ནས་ཅེཀ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས་འཇར་མེ་ནིར་ཆིབས་ཞལ་གྱུར་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཉེར་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎