ཧེ་སེ་མངའ་སྡེའི་སྲིད་སྐྱོང་དང་མཇལ་འཕྲད།
2014.05.14

༸གོང་ས་མཆོག་གི་དྲ་གནས།
༄༅༎ཕྱི་ཟླ་༥ཚེས་༡༣རེས་གཟའ་མིག་དམར་གྱི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧོ་ལེནཌ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས་འཇར་མེ་ནིའི་ནང་ཞབས་སོར་བདེ་བར་འཁོད་པ་དང༌།ཧེ་སེ་མངའ་སྡེའི་སྲིད་སྐྱོང་ཕོལ་ཀར་མཆོག་ནས་༸གོང་ས་མཆོག་མཇལ་བར་བཅར་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡོ་རོབ་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎