འོད་དཔག་མེད་ཀྱི་སྐུ་བརྙན་ལ་རབ་གནས།

དད་ལྡན་ཆོས་ཞུ་བ་ཚོར་རང་གི་རྒྱུད་ཀྱི་བློ་བུར་དྲི་མ་ཟར་པར་འབད་བརྩོན་བྱེད་དགོས་པའི་བཀའ་སློབ་བཀའ་དྲིན་བསྩལ་བའི་གནས་ཚུལ།

2010.06.22
༸གོང་ས་མཆོག་ནས་འོད་དཔག་མེད་ལ་རབ་གནས་གནང༌བཞིན་པ།
བཙན་བྱོལ་བོད་གཞུང་གི་དྲ་གནས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ཁ་སང་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ ཉེ་ཧོང་གི་གྲོང་ཁྱེར་ན་ག་ནོའི་ཛེ་ན་ཀོ་ཇིའི་མ་དགོན་གྱི་ཉེ་འགྲམ་དུ་ཆགས་པའི་ སེ་ཧ་ཇི་ཞེས་པའི་ནང་པའི་དགོན་པ་རྙིང་གྲས་ཞིག་ཡོད་པ་དེའི་མཁན་པོས་དགོན་པ་དེའི་ནང་བོད་ལུགས་བཟོ་སྩལ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་བ་འོད་དཔག་མེད་ཀྱི་སྐུ་བརྙན་མཐོ་ཚད་ཕྷི་ཊི་བརྒྱད་ཙམ་ཡོད་པ་ཞིག་གསར་བཞེངས་གནང་ཡོད་པ་དེར་གཟུངས་གཞུག་རབ་གནས་སྩོལ་གནང་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་དོན་བཀྲིན་ཆེ་གནང་མཛད་པ་དང་།དེ་རྗེས་དེ་ཕྱོགས་སུ་འདུ་འཛོམས་དད་ལྡན་པ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཉིད་སེམས་ཅན་ཐ་མལ་པའི་སྐབས་སུ་ཐུགས་བརྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་པ་དེ་ཡོད་པ་ཡིན་སྟབས་དེའི་སྟེང་གི་དྲི་མ་བགས་ཆགས་དང་བཅས་པ་སྦྱངས་སྟེ་མཐར་མངོན་པར་རྫོགས་པ་སངས་རྒྱས་པ་ཡིན་པ་རེད་ཅེས་དང་།དེར་བརྟེན་བཅོས་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་གཤེགས་སྙིང་པོ་ཡོད་སྟབས་བློ་བུར་བའི་དྲི་མ་ཟད་རུང་ཡིན་པ་དང་།དྲི་མ་དེ་ཟད་པར་འབད་བརྩོན་བྱེད་དགོས་པ་གསུངས་ཡོད་པ་རེད།དེར་བརྟེན་ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ཆོས་པ་ཞིག་ཡིན་ཚེ་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་སོ་སོ་རང་ཉིད་ཀྱི་སེམས་པའི་གཞི་ཕུག་དེར་ཁམས་བདེ་གཤེགས་སྙིང་པོ་ཡོད་པ་དང་།མཐར་ཐུག་ང་སངས་རྒྱས་ཐུབ་ཀྱི་རེད།དེར་བརྟེན་འཕྲལ་སེལ་གྱི་དཀའ་ངལ་འདི་དག་རང་ཉིད་ཀྱིས་ཏན་ཏན་སེལ་ཐུབ་ཀྱི་རེད་བསམ་པའི་བློ་སྤོབས་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ཉིན་བརྒྱབ་དད་ལྡན་མི་གྲངས་༣༠༠བརྒལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བདེན་བཞིའི་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་པ་དང་།ཆོས་ཞུ་བ་ཚོར་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་ཀྱང་སྩལ་གནང་མཛད་ཡོད་པ་རེད།༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་ན་ག་ནོའི་ཐེངས་དང་པོའི་ཆིབས་བསྒྱུར་ལེགས་གྲུབ་ཀྱིས་ཀ་ན་ཛ་ཝ་ཞེས་པའི་གྲོང་ཁྱེར་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎