འབར་མའི་གཞུང་ལ་འཚམས་འཕྲིན།
2010.11.15

༄༅།།བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འབར་མའི་གཞུང་གིས་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སཱུ་ཀི་བཟང་བཙོན་ནས་གློད་བཀྲོལ་བཏང་འཚམས་འདྲི་གནང་བ་དང་རྒྱ་ནག་གིས་ཀྱང་ལིའུ་ཞའོ་པོ་དང་ཆབ་སྲིད་བཙོན་རྣམས་གློད་བཀྲོལ་ཡོང་བའི་རེ་འབོད་གནང་འདུག ༸གོང་ས་མཆོག་གི་དྲ་གནས་ཐོག་སྤེལ་བའི་འཚམས་འཕྲིན་ “ངོས་ཀྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མཆེད་གྲོགས་ཨང་སན་སུའུ་ཀི་གློད་བཀྲོལ་ཐོབ་པར་དགའ་བསུ་ཞུ་རྒྱུ་དང་། དེ་བཞིན་སྦར་མའི་དམག་གི་སྲིད་གཞུང་ལ་བསྔགས་བརྗོད་བྱ་རྒྱུ་ཡིན། ངོས་ནས་སྦར་མའི་ནང་གི་མང་གཙོའི་ལས་འགུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱ་རྒྱུར་མ་ཟད། གོ་སྐབས་འདི་བཟུང་སྟེ་འཛམ་གླིང་ཁྱོན་ཡོངས་ཀྱི་རང་དབང་དང་ཞི་བདེར་དགའ་བའི་སྐྱེ་འགྲོ་ཀུན་ལ་འཚེ་མེད་ཞི་བའི་ལས་འགུལ་དེ་རིགས་ལ་རྒྱབ་སྐྱོར་ཡོང་བའི་སྐུལ་མ་བྱ་རྒྱུ་ཡིན།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་བཙོན་དུ་བཅུག་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞའོ་པོ་དང་། གཞན་ཡང་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་པའི་བཙོན་པ་རྣམས་གློད་བཀྲོལ་ཡོང་བར་ངོས་ཀྱིས་རེ་བ་དང་སྨོན་ལམ་རྒྱག་གི་ཡོད། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༤ ལ།”