༧གོང་ས་མཆོག་ནས་ཨ་རི་ནང་ས་གནས་ཁག་ལྔ་ཙམ་ལ་ཆིབས་བསྒྱུར་གནང་བ།


2016.06.28
༧གོང་ས་མཆོག་ནས་ཨ་རི་ནང་ས་གནས་ཁག་ལྔ་ཙམ་ལ་ཆིབས་བསྒྱུར་གནང་བ། ༧གོང་ས་མཆོག་ནས་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་རྣམས་ཀྱི་ལྷན་དུ་ཚོགས་སུ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་གནང་མཛད་ཡོད་པ།
རྟ་མགྲིན་དབང་ཕྱུག།

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། ཉེ་ཆར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཐོག་མ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནས་ཨིན་ཌ་ཡ་ན་པོ་ལིསི་བར་དུ་ཨ་རིའི་ས་གནས་ཁག་ལྔ་ཙམ་གྱི་ནང་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་པའི་གནད་དོན་དང་འབྲེལ་བའི་སྐོར། འདས་པའི་ལོ་ངོ་གསུམ་བཅུ་ལྷག་ཙམ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་ཇིའི་གསུང་བསྒྱུར་ཞབས་ཞུ་གནང་མཁན་དང་དེ་བཞིན་༧གོང་ས་མཆོག་གི་ཕྱག་དེབ་མང་པོ་ཞིག་གི་ཐོག་ལ་ཞབས་ཞུ་གནང་མཁན་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་བར་གླེང་མོལ་གནང་བར་གསན་རོགས་ཞུ༎

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎