མེལ་སྦོན་དུ་བྱམས་བརྩེའི་སྐོར་བཀའ་སློབ།
2013.06.19

༄༅། །ཕྱི་ཟླ་ ༦ ཚེས་ ༡༨ རེས་གཟའ་ཟླ་བའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོས་ཋརེ་ལི་ཡའི་གྲོང་ཁྱེར་སིཌ་ནིའི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་གནང་མཛད་རྗེས་མེལ་སྦོན་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་དེ་མང་ཚོགས་ལྔ་སྟོང་ཙམ་ལ་འཛམ་གླིང་ཡོངས་ལ་བདེ་སྐྱིད་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་བ་དང༌། ཕྱི་ཚེས་༡༩ཉིན་ཏྲེ་ཧོར་དགེ་བཤེས་བསོད་ནམས་དར་རྒྱས་ལགས་དང་ཝེཏ་ནམ་དང་རྒྱ་རིགས་དད་ལྡན་ཆོས་ཞུ་བ་སོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དད་ལྡན་ཉིས་སྟོང་ཙམ་ལ་བློ་སྦྱོང་ཚིག་བརྒྱད་མ་དང༌།ཤེས་རབ་སྙིང་པོའི་བཀའ་ཆོས་བསྩལ་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་ཞུ༎