༧གོང་ས་མཆོག་དང་ཨོ་བྷ་མ་མཇལ་སྐབས་བཀའ་མོལ་གཙོ་བོ་གང་བྱུང་ཡོད་པ།
2017.12.01

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་རྣམ་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇལ་འཕྲད་གནང་ཡོད་པ་དང༌། མཇལ་འཕྲད་སྐབས་དམིགས་བསལ་བཀའ་མོལ་གང་བྱུང་མིན་ཐོག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་རྒྱ་གར་དང་ཤར་ཨེ་ཤེ་ཡའི་འབྲེལ་མཐུད་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པ་དང་། དེ་བཞིན་ད་ཐེངས་ཀྱི་མཇལ་འཕྲད་དེས་རྒྱ་ནག་ལ་བརྡ་ལན་གང་འདྲ་ཞིག་ཆགས་མིན་སོགས་ཀྱི་སྐོར་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་སྒྲོལ་དཀར་ལགས་ཀྱིས་བཀའ་འདྲི་ཞུས་པའི་ཞིབ་ཕྲའི་གནས་ཚུལ་གསན་རོགས༎
གསར་འགོད་པ་སྒྲོལ་དཀར།