གོ་ལའི་འཕྲོད་བསྟེན་ལྷན་ཚོགས།
2013.10.07

༄༅།།ཕྱི་ཟླ་༡༠ཚེས་༦རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཉེ་ཁུལ་གུར་གའོང་གྲོང་ཁྱེར་དུ་འཚོགས་པའི་གོ་ལའི་འཕྲོད་བསྟེན་ལྷན་ཚོགས་ Global Spa and Wellness Summit ནང་ཆིབས་སྒྱུར་བསྐྱངས་ཏེ་མི་ཚེ་སྐྱིད་ཡོང་ཆེད་གཟུགས་པོ་བདེ་ཐང་དང་སེམས་སྐྱིད་པོ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་གནང་མཛད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎