བཀའ་ཆོས་དབུ་འཛུགས།
2012.11.20
༸གོང་ས་མཆོག་གི་དྲ་གནས།
༄༅།།སོག་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༠ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོ་གཙོ་བོ་འགྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ། ༸རྒྱལ་མཆོག་བསོད་ནམས་རྒྱ་མཚོས་མཛད་པའི་ལམ་རིམ་གསེར་གྱི་ཡང་ཞུན་མའི་ཆོས་འབྲེལ་དབུ་འཛུགས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎