༧གོང་ས་མཆོག་ནས་ལི་ཐུཡེ་ནི་ཡའི་ནང་གསར་འགོད་ལྷན་ཚོགས་དང་མང་ཚོགས་ལ་བཀའ་སློབ།
2018.06.16

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཡོ་རོབ་ཀྱི་ལི་ཐུཡེ་ནི་ཡའི་ཡུལ་གྲུ་ནང་ཞབས་སོར་འཁོད་དེ་གསར་འགོད་ལྷན་ཚོགས་དང་ཤེས་ཡོན་སློབ་གསོའི་སྐོར་ལ་བཀའ་སློབ། དེ་བཞིན་མང་ཚོགས་ལ་ཞི་བདེའི་དུས་རབས་ཤིག་བཟོ་དགོས་པ་དང་བདེ་སྐྱིད་སྐྲུན་ཐབས་ཀྱི་བཀའ་སློབ། འབྲེལ་ཡོད་མི་སྣ་མཇལ་འཕྲད་སོགས་མཛད་འཕྲིན་ཁག་ཅིག་བསྐྱངས་གནང་ཡོད་པས། ཞིབ་ཕྲའི་གནས་ཚུལ་ཁག་ཅིག་འདི་གའི་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྒྲོལ་དཀར།