༧གོང་ས་མཆོག་གྷོ་ཝ་ནས་བྷེང་ལོར་གྲོང་ཁྱེར་ལ་༧ཞབས་སོར་བདེ་བར་འཁོད་གནང་མཛད་པ།
2018.08.09

༄༅༎ཕྱི་ཟླ་༨ཚེས་༨རེས་གཟའ་ལྷག་པའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྷོ་ཝའི་གྲོང་ཁྱེར་ནང་གི་འཛིན་སྐྱོང་ཤེས་ཡོན་ལྟེ་གནས་ཁང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་༩ཉིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷེང་ལོར་གྲོང་ལ་༧ཞབས་སོར་བདེ་བར་འཁོད་སྐབས་བོད་མི་དང་རྒྱ་གར་མི་སྣས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎གསར་འགོད་པ་པདྨ་དངོ་གྲུབ།