འཚེ་མེད་ཞི་བའི་ཐབས་ལམ་དང་༧གོང་ས་མཆོག་གི་མཛད་འཕྲིན།
2018.09.20

༄༅༎དེ་རིང་གི་གཏམ་གླེང་ལེ་ཚན་ནང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཇར་མན་ལ་ཞབས་སོར་འཁོད་པ་དང་འཚེ་མེད་ཞི་བའི་ཐབས་ལམ་སྐོར་ལ་བགྲོ་གླེང་ཐོག་༧གོང་ས་མཆོག་ནས་བཀའ་སློབ་གནང་སྐབས་འཛམ་གླིང་ནང་དཀའ་རྙོག་ཉུང་རུ་གཏོང་ཐབས་སུ་ཐབས་ལམ་གཙོ་བོ་ནི་འཚེ་མེད་ཞི་བའི་ཐབས་ལམ་ཡིན་པ་སོགས་བཀའ་སློབ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཐོག་འབྲེལ་ཡོད་མི་སྣ་ཁག་ཅིག་དང་ལྷན་དུ་སྒྲོལ་དཀར་ལགས་ཀྱིས་བཀའ་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།