༧གོང་ས་མཆོག་གི་རྡོ་རྗེ་གདན་ཆིབས་བསྒྱུར་མཛད་འཕྲིན་ལ་བསྐྱར་ཞིབ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་སྦི་ཧར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་གསུམ་གྱི་བཀའ་ཆོས་དང་། དེ་བཞིན་ཉེ་འདབས་ཀྱི་ཐའེ་ལེན་ཝཊ་པ་དགོན་པར་གནས་གཟིགས། གཞན་ཡང་༧ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྟི་གནས་ཁང་གི་རྨང་གཞི་དབུ་འབྱེད་མཛད་པ་བཅས་མང་ཚོགས་ཁྲོད་ཀྱི་མཛད་རིམ་བསྐྱངས་པ་འདི་ནི་ ༢༠༢༠ ལོར་ཏོག་དབྱིབས་ནད་ཡམས་ཀྱི་འོག་བཀག་རྒྱ་བསྡམས་རྗེས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་ཐོག་མར་ཡིན་པ་རེད། དེར་བརྟེན་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དད་ལྡན་ཆོས་ཞུ་བ་ཁྲི་འཚོ་མང་པོ་ངོ་བཅར་ཞུས་ཏེ་བཀའ་ཆོས་ཞུས་ཏེ་༧གང་ཉིད་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་ཡོད་པ་དང་། ༢༠༢༣ ལོའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རིམ་ཐོག་མར་འདི་ཡང་ཆགས་ཡོད་པ་རེད། གཤམ་ལ་ད་རེས་ཀྱི་བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཆིབས་བསྒྱུར་མཛད་འཕྲིན་དང་འབྲེལ་བའི་སྐོར་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་བསྐྱར་ཞིབ་ཞུ་སླད་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག་དང་བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།