དཔལ་གསང་བ་འདུས་པའི་བཀའ་དབང༌།
2015.05.11

འཇིགས་མེད་སྙན་གྲགས།
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྟོད་རྒྱུད་གྲྭ་ཚང་དུ་དད་ལྡན་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བར་ཉིན་གྲངས་བཞིའི་རིང་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོས་མཛད་པའི་རྒྱུད་ཐམས་ཅད་ཀྱི་མན་ངག་གི་གནད་བསྡུས་པ་གདམས་པའི་རྒྱལ་པོ་ལམ་གཙོ་རྣམ་གསུམ་བཀའ་ཁྲིད་སྩལ་བཞིན་པ་ལྟར་དེ་རིང་ཕྱི་ཟླ་༥ཚེས་༡༡རེས་གཟའ་ཟླ་བའི་ཉིན་དཔལ་གསང་བ་འདུས་པའི་བཀའ་དབང་གི་སྟ་གོན་སྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎གསར་འགོད་པ་བསྟན་འཛིན་དབང་རྒྱལ།