སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུའི་མཛད་རིམ་ཐུགས་གཏན་འཁེལ་བ།

2021.02.23
སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུའི་མཛད་རིམ་ཐུགས་གཏན་འཁེལ་བ། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུའི་མཛད་རིམ་ཐུགས་གཏན་འཁེལ་བ།
དགའ་ལྡན་ཕོ་བྲང་།

༄༅།།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༢ ཚེས་ ༢༧ བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་དགེ་བའི་ཉིན་ལ་དྭགས་མི་མང་གཙོ་གྱུར་གྱིས་དད་ལྡན་པ་ཚོར་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུའི་མཛད་རིམ་ཐུགས་གཏན་འཁེལ་བ་ལྟར། དད་ལྡན་པ་ཚོའི་ཁྲོད་སྔ་ས་ནས་གྲ་སྒྲིག་གི་སློབ་སྦྱོང་དང་བགྲོ་གླེང་བཅས་ཀྱི་ལས་རིམ་ཚོགས་བཞིན་ཡོད་པ་རེད། འདི་དང་འབྲེལ་བའི་ཐད་ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་ཆོས་འབྲེལ་གསོལ་འདེབས་ཞུ་མཁན་ལ་དྭགས་སེམས་བསྐྱེད་ཚོགས་པའི་ཁོངས་འགན་འཁུར་བ་ཚུལ་ཁྲིམས་བཟང་པོ་ལགས་དང་། ལ་དྭགས་ཀྱི་ལོ་ཙཱ་བ་འཇམ་དབྱངས་རྒྱལ་མཚན་ལགས་དང་ལྷན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དུ་ ༡༩༦༦ ལོར་ཆིབས་སྒྱུར་ཐོག་མར་མཛད་དེ་ཆོས་འབྲེལ་བསྐྱངས་བ་ནས་བཟུང་ལ་དྭགས་ཁུལ་གྱི་མང་ཚོགས་ཁྲོད་དུ་ནང་ཆོས་ཀྱི་གོ་རྟོགས་ཇི་ལྟར་འཕེལ་ཡོད་མེད་བཅས་ཀྱི་སྐོར་ཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎