སོག་པོའི་ཆོས་ཞུ་བར་གསུང་ཆོས་བསྩལ་བ།
2013.12.03

༸གོང་ས་མཆོག་གི་དྲ་གནས།
༄༅༎ཕྱི་ཟླ་༡༢ཚེས་༢ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་ལྡན་ཆེན་པོ་ཧོར་གྱི་ཆོས་ཞུ་བ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Kempinski Ambience Hotel) གསོལ་མགྲོན་ཁང་དུ་དད་ལྡན་ཆོས་ཞུ་བ་ཆིག་སྟོང་བརྒལ་བར་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གིས་མཛད་པའི་ཡོན་ཏན་གཞིར་གྱུར་མ་དང་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎