བརྟག་དཔྱད་དང་རྒྱུ་མཚན་མཐོང་བའི་སྒོ་ནས་ཆོས་ལ་དད་པ་བྱས་པ་དེ་ཤེས་རབ་ཀྱི་གྲོགས་ཡིན།

2021.05.01
བརྟག་དཔྱད་དང་རྒྱུ་མཚན་མཐོང་བའི་སྒོ་ནས་ཆོས་ལ་དད་པ་བྱས་པ་དེ་ཤེས་རབ་ཀྱི་གྲོགས་ཡིན། ༧གོང་ས་མཆོག་གིས་བརྟག་དཔྱད་དང་རྒྱུ་མཚན་མཐོང་བའི་སྒོ་ནས་ཆོས་ལ་དད་པ་བྱས་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཡིན་པ་ཐའེ་ཝན་གྱི་མང་ཚོགས་ལ་ཤེས་རབ་སྙིང་པོའི་གསུང་ཆོས་སྩལ་བའི་སྐབས་བཀའ་བསྩལ་གནང་སོང་།
དགའ་ལྡན་ཕོ་བྲང་།

༄༅།།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ཝན་བོད་ཀྱི་ནང་བསྟན་སྨོན་ལམ་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༥པའི་ཚེས་༡ རེས་གཟའ་སྤེན་པའི་ཉིན་ཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད་ཐའེ་ཝན་དུ་ཡོད་པའི་མི་མང་༥༠༠༠ཙམ་ལ་ཤེས་རབ་སྙིང་པོའི་གསུང་ཆོས་སྩལ་བའི་སྐབས་བརྟག་དཔྱད་དང་རྒྱུ་མཚན་མཐོང་བའི་སྒོ་ནས་ཆོས་ལ་དད་པ་བྱས་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཞིག་ཡིན་པ་མ་ཟད། དད་པ་དེ་ཧ་ཅང་གི་བརྟན་པོ་ཡོད་པ་སོགས་ཀྱི་སྐོར་བཀའ་སློབ་སྩལ་བའི་སྐོར་འདི་གའི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་གནས་ཚུལ་ཕྱོགས་བསྡུས་ཞུས་པར་གསན་རོགས།།

གསར་འགོད་པ་བློ་བཟང་དགེ་ལེགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎