༸གོང་ས་མཆོག་དཔེ་སྟོན་སློབ་གྲྭར་ཆིབས་བསྒྱུར།
2015.10.14

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་བཅུ་ཕྱིན་པའི་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ད་ལྟ་བར་བོད་མི་རིགས་འབུར་ཐོན་ངང་གནས་ཐུབ་པ་འདི་བོད་སྐད་ཡིག་ཐོག་ནས་ཡིན་པ་སོགས་བཀའ་སློབ་གནང་བ་དང་། དེ་བཞིན་དཔེ་སྟོན་སློབ་གྲྭ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།