རྒྱལ་སྤྱིའི་དབུ་ཁྲིད་ནས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི།
2021.07.08
ཕྱི་ཟླ་༧ཚེས་༧ཉིན་ བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༦ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ལ་འཚམས་འཕྲིན་གནང་པར་དྲ་ལམ་བརྒྱུད་ཐུགས་རྗེ་ཆེའི་འཚམས་འདྲི་གནང་པ་དང་སྦྲགས། མགོན་པོ་གང་ཉིད་མ་མཐར་དགུངས་ལོ་༡༡༠བར་སྐུ་འཚོ་བཞུགས་གནང་རྒྱུའི་ཐུགས་རེ་དང་ཡིད་ཆེས་ཆེན་པོ་ཡོད་པ་བཀའ་གནང་ཡོད་པ་རེད།