༧གོང་ས་མཆོག་གིས་ལོ་རྒྱུས་ཐོག་ནས་བོད་དང་སོག་ཡུལ་གྱི་འབྲེལ་བ་གཏིང་ཟབ་ཡོད་པ་བཀའ་གནང་བ།
2022.03.26

ད་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་བཞུགས་སྒར་རྡ་རམ་ས་ལར་ཆེད་མངགས་བཅར་མཁན་སོག་པོའི་ཤེས་ཡོན་ཅན་ཁག་ཅིག་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་བཀའ་སློབ་གནང་ཡོད་ཅིང་། མཇལ་ཁའི་སྐབས་ལོ་རྒྱུས་ཐོག་ནས་བོད་དང་སོག་ཡུལ་གྱི་འབྲེལ་བ་གཏིང་ཟབ་ཡོད་པ་འདི་ནི་སྤུན་ཟླ་ལྟ་བུའི་འབྲེལ་བ་ཞིག་ཆགས་ཀྱི་ཡོད་པ་དང་། སོག་པོའི་གཞོན་སྐྱེས་ཚོས་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེ་ཡིན་པ་སོགས་ཀྱི་བཀའ་སློབ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཁག་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག