༸གོང་ས་མཆོག་ནས་བོན་ཆོས་ཐད་གཟིགས་པ།
2018.04.16

༄༅༎ ཐེངས་འདིའི་གཏམ་གླེང་ལེ་ཚན་ནང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་བོན་ཆོས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད་གཟིགས་པ་ཆེན་པོ་བསྐྱངས་གནང་མཛད་པ་དང་། སྨན་རི་ཁྲི་འཛིན་ ༣༤ པ་མཆོག་གིས་སྐྱབས་རྗེ་སྨན་རི་ཁྲི་འཛིན་༣༣ པ་མཆོག་གི་མཛད་པ་མུ་མཐུད་སྐྱོང་གནང་བཞིན་པ། དེ་བཞིན་བོད་ཀྱི་བོན་ཆོས་ཀྱི་གལ་འགངས་རང་བཞིན་སོགས་ཀྱི་ཐད་ལ་བན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་ཚེ་བརྟན་རྡོ་རྗེ་ལགས་རྣམ་གཉིས་བགྲོ་གླེང་གནང་པ་དེ་གསན་རོགས་གནང་།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།