འགྲོ་མིའི་སེམས་ཁམས་འཕྲོད་བསྟེན་ཐོག་བསྐྱངས་དང་སྐྱོང་བཞིན་པའི་མཛད་འཕྲིན།
2020.10.10

ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་མོ་འདི་ནི་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་གྱི་ཉིན་མོ་འཁེལ་བ་དང་བསྟུན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྐྱེས་འགྲོ་སྤྱིའི་བདེ་སྐྱིད་དང་བྱེ་བྲག་ཏུ་འགྲོ་བ་མིའི་སེམས་ཁམས་འཕྲོད་བསྟེན་ཐོག་ལམ་སྟོན་དང་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན་པར་རྗེས་དྲན་ཞུ་སླད་༧སྐུའི་གསུང་སྒྱུར་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་སྦྱིན་པ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།