མི་རབས་ཤིག་མིན་པར་མི་རིགས་ཤིག་གི་དོན་དུ་ཡིན།
2022.04.09

ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་བཞུགས་སྒར་རྡ་རམ་ས་ལར་ཞོ་སྟོན་ལ་བཅར་མཁན་ལྷ་མོའི་ཚོགས་པ་དང་དབུ་མའི་ལམ་གྱི་ཚོགས་འདུར་བཅར་མཁན་ཚོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་བཀའ་སློབ་གནང་ཡོད་ཅིང་། མཇལ་ཁའི་སྐབས་ང་ཚོས་འབད་བརྩོན་བྱེད་བཞིན་པ་འདི་མི་རབས་ཤིག་གི་སྐད་ཆ་མིན་པར་མི་རིགས་ཤིག་ཀྱི་དོན་དུ་ཡིན་པས་བཙན་བྱོལ་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་གལ་ཆེ་ཡིན་པ་སོགས་ཀྱི་བཀའ་སློབ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་སྒྲོལ་དཀར་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག