ལྷག་བསམ་དང་རྡོག་རྩ་གཅིག་སྒྲིལ་དགོས་པ།
2022.08.09

ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་ཡོད་པའི་བཙན་བྱོལ་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་གནང་སྐབས། བོད་གངས་ཅན་ལྗོངས་ཀྱི་རྒྱ་ཆེའི་མི་དམངས་ཀྱི་ལྷག་བསམ་དང་དད་པ་གཡོ་བ་མེད་པར་བརྟན་པོར་གནས་པ་འདིས་བོད་དོན་ལ་ནུས་པ་ཐོན་གྱི་ཡོད་པ་བཀའ་གནང་ཡོད་ཅིང་། ཡང་ལ་དྭགས་ཀྱི་དཔལ་རྔམ་དུས་སྟོན་ཐོག་༧གོང་ས་མཆོག་ལ་གཟེངས་རྟགས་ཤིག་འབུལ་ཡོད་པ་བཅས་ཀྱི་སྐོར་ཞིབ་ཕྲ་འདི་གའི་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག