གཞན་གཅེས་འཛིན་གྱི་བློ་ཞིག་ཡོད་དགོས་པ།
2020.01.04
དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་གནང་ཡོད་པ་དང་། གཞན་གཅེས་འཛིན་གྱི་བློ་ཞིག་ཡོད་ན་ཉེ་འཁོར་ཚང་མ་བློ་བདེ་བག་ཕེབས་ཤིག་ཡོང་རྒྱུ་ཡིན་པས། སེམས་ནང་བྱམས་བརྩེ་དགོས་པ་སོགས་བླང་དོར་བཀའ་སློབ་གནང་པའི་ཞིབ་ཕྲའི་གནས་ཚུལ་དང་། རྡོ་རྗེ་གདན་དུ་བཅར་མཁན་ཆོས་ཞུ་བ་སོགས་འབྲེལ་ཡོད་སྐོར་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།