ལག་ལེན་ངོ་མའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་བ་བྱ་དགོས།
2024.01.09
ད་རིང་གི་གཏམ་གླེང་ལེ་ཚན་ནང་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། ཡང་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་ཕུལ་བའི་མཛད་སྒོར་ཞབས་སོར་འཁོད་ནས་བཀའ་སློབ་ནང་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གཅིག་ཕན་གཅིག་རོགས་དགོས་པ་དང་། ལག་ལེན་ངོ་མའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་བ་བྱ་དགོས་པ་སོགས་བཀའ་སློབ་གནང་ཡོད་པ་ཁག་ཞིབ་ཕྲ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་དཀར།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།