རྒྱ་གར་ལྷོ་ཕྱོཊ་སུ་༸གོང་ས་མཆོག་ལ་བརྟན་བཞུཊ།

རྒྱ་གར་ལྷོ་ཕྱོགས་སུ་དགའ་ལྡན་ཤར་རྩེ་གྲྭ་ཚང་དང་བོད་མིའི་གཞིས་སྒར་ཁག་ལྔའི་བོད་མི་ཡོངས་ནས་༸གོང་ས་མཆོག་ལ་བརྟན་བཞུགས།

2011.02.06
༸གོང་ས་མཆོག་ལ་བརྟན་བཞུགས། ༸གོང་ས་མཆོག་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སེར་སྐྱ་མིང་ལ་བཀའ་སློབ་སྩོལ་བཞིན་པ།
༸གོང་ས་མཆོག་གི་དྲ་གནས།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་གཅིག་ཟླ་གཉིས་པའི་ཚེས་དྲུག་གི་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་གྲུབ་པའི་ཆེད་དུ། རྒྱ་གར་ལྷོ་ཕྱོགས་མོན་ཀོཊ་འདོད་རྒུ་གླིང་དགའ་ལྡན་ཤར་རྩེ་གྲྭ་ཚང་དང་། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་བོད་མི་སེར་སྐྱ་མི་མང་ཡོངས་ནས། བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་བཞེད་ནམ་ཡང་མི་གནང་བར། བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཀྱི་དབུ་ཁྲིད་མུ་མཐུད་ནས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎