༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་ཆེད་ཕེབས་གནང་བ།


2015.02.05
ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་ཕེབས་བསུ་དང་ཆེ་བསྟོད་ཞུས་ཡོད་པ།
ཨེ་ཨེཕ་པི།
ཨ་རིའི་སྲིད་འཛིན་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་པ།

༄༅༎དེ་རིང་ཟླ་༢་ཚེས་༥་ཉིན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ཡིས་སྲིད་འཛིན་གྱི་ལས་གནས་བཞེས་པ་བཟུང་ལོ་ལྟར་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་དུ་ཕེབས་ཏེ་གསུང་བཤད་གནང་གི་ཡོད་ཅིང་། འདི་ལོའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་༸གོང་ས་༸སྐྱབས་མགོན་ཏ་ལའི་བླ་མ་མཆོག་གདན་ཞུས་ལྟར་ཆེད་ཕེབས་མཛད་ཀྱི་ཡོད་པ་རེད། ཚོད་དཔག་བྱས་ན་ཐེངས་འདིའི་སྔ་དྲོའི་གསོལ་སྟོན་ཐོག་སྐུ་མགོན་ཧ་ལམ་༣༦༠༠ཙམ་ལྷན་ཞུགས་གནང་གི་ཡོད་པ་རེད།་ ད་རེས་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་སྲིད་འཛིན་ཨོ་སྦ་མ་མཆོག་ནས་༸གོང་ས་མཆོག་ལ་དམིགས་བསལ་ཕེབས་བསུ་དང་ཆེ་བསྟོད་ཞུས་པ་དང༌།དེ་བཞིན་ཨ་རིའི་ཤར་ཕྱོགས་ས་ཁུལ་མང་པོ་ཞིག་ནས་བོད་མི་བརྒྱ་ཕྲག་ཁ་ཤས་ཀྱིས་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཞུ་བར་བཅར་ཡོད་པ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་གནང་བར་གསན་རོགས༎
འཇམ་དཔལ་ཕུན་ཚོགས། སྒྲོལ་དཀར།

འབྲེལ་ཡོད་གནས་ཚུལ་གཤམ་ལ་ཆོས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས༎

གསར་འགོད་པ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎