ལོ་གསར་པ་འདི་དོན་དང་ལྡན་པ་ཡོང་བའི་དམ་བཅའ་དགོས།
2021.02.09
༄༅།།དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐོག་ལྟ་མགུར་ཨ་མ་ངོས་འཛིན་གྱི་གསུང་ཆོས་གནང་ཡོད་ཅིང་། དམིགས་བསལ་བོད་ཀྱི་ལོ་གསར་གོང་བོད་མི་ཚོར་བཀའ་སློབ་གནང་པའི་ནང་འདས་ལོའི་ནང་རང་ཉིད་ཀྱི་ལས་དོན་ལ་ཞིབ་འཇུག་དང་ལོ་གསར་པའི་འདི་དོན་དང་ལྡན་པ་ཞིག་ཡོང་བའི་དམ་བཅའ་དགོས་སྐོར་དང་། མེས་པོའི་མཛད་རྗེས་དྲན་པའི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་གཅེས་འཛིན་དགོས་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁག་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།