གསར་འགྱུར་ཡིག་ཚགས།
2025-03-21
འདི་ཚེས་ ༢༡ རེས་གཟའ་པ་སངས་ཉིན། ཅེག་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་སྒྱུ་རྩལ་བ་ཊོམ་ཊེ་ལར་ (Tom Taylor) ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ (The Path of the Dalai Lama) ཞེས་པའི་རི་མོའི་བསྩམས་སྒྲུང་ (Graphic Novel) གསར་པ་ཞིག་མགོན་པོ་མཆོག་ལ་སྤྱན་འབུལ་ཞུས་འདུག་ཅིང་། ཁོང་གིས་མགོན་པོ་མཆོག་གི་མཛད་རྣམ་རི་མོའི་བརྩམས་སྒྲུང་བརྒྱུད་འདོན་སྤེལ་གནང་དོན་ནི། རི་མོའི་བརྩམས་སྒྲུང་བརྒྱུད་མགོན་པོ་མཆོག་གི་སྐུ་ཚེའི་མཛད་འཕྲིན་རྣམས་དེང་སྐབས་ཀྱི་གཞོན་སྐྱེས་རྣམས་ལ་ངོ་སྤྲོད་ཐུབ་ཐབས་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
2025-03-19
ཟླ་ ༣ ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༣༠ ལ་མཇལ་ཁ་སྩལ་བར་དད་ལྡན་པ་རྣམས་ནས་གྷཐེངས་འདིར་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོས་བསྐལ་བ་བཟང་པོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག
2025-03-18
ཕྱི་ཟླ་ ༣ པའི་ཚེས་ ༡༨ རེས་གཟའ་མིག་དམར་གྱི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བསྒྲུབ་བྱ་ ༤༦ ཙམ་ལ་བསྙེན་རྫོགས་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་པ་དང་འབྲེལ། མགོན་པོ་མཆོག་ལྷ་སའི་ནོར་བུ་གླིང་ཁ་ནས་རྒྱ་གར་ལ་ཆིབས་ཞལ་མ་འགྱུར་གོང་མགོན་པོ་ཕྱག་དྲུག་ལ་ཐུགས་སྨོན་མཛད་ཡོད་པ་དང་། མ་འོངས་པར་ཡང་མགོན་པོ་ཕྱག་དྲུག་གི་ཞལ་མཇལ་གྱིས་རེད་ཞེས་བཀའ་སྩལ་གནང་མཛད་འདུག
2025-03-17
འདི་ཚེས་ ༡༧ རེས་གཟའ་ཟླ་བའི་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་མཇལ་ཁ་རྩལ་སྐབས། བོད་བརྒྱུད་ནང་བསྟན་མཁས་དབང་དང་སྐུའི་ཡུན་རིང་མཛའ་ཤེས་ཀྱི་གྲོགས་པོ་རོ་བྷཊ་ཐར་མན་ (Robert Thurman) ལགས་དང་། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་ལ་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་ཞལ་བཞེས་མཛད་ཡོད་པ་ཁོང་གཉིས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
2025-03-15
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་སྲིད་བློན་གསར་པ་ (Mark Carney) ལགས་སུ་འཚམས་འདྲིའི་གསུང་འཕྲིན་སྩལ་བ་དང་འབྲེལ། ཁེ་ན་ཌའི་གཞུང་མང་གཉིས་ནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཞིང་། སྲིད་བློན་གསར་པའི་དབུ་ཁྲིད་འོག་ཁྱབ་ཁོངས་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་དང་། ཞི་བདེ་ལྡན་པའི་གོ་ལ་བསྐྲུན་རྒྱུར་ཞབས་འདེགས་བསྒྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུག
2025-03-15
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྒྲུབ་བྱ་༥༤ལ་དགེ་སློང་གི་སྡོམ་པ་སྩལ་བ་དང་སྦྲགས། དགེ་འདུན་པ་རྣམས་ནས་སངས་རྒྱས་ཀྱི་བསྟན་པར་ཡིད་སྨོན་ཙམ་མ་ཡིན་པར་གཙོ་བོ་ནང་ཆོས་ལ་བསླབ་པ་སློབ་གཉེར་ཚད་ལྡན་གནང་ཐོག་ཉམས་ལེན་གནང་དགོས་གལ་ཆེ་བ་ཡིན་པའི་བཀའ་སྩལ་འདུག
2025-03-14
ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་རབས་ཆོས་འབྲེལ་མཛད་སྐབས་གང་ཉིད་བཙན་བྱོལ་དུ་བཞུགས་ཡོད་ནའང་། བསྟན་འགྲོའི་དོན་རྒྱ་ཆེ་བསྒྲུབས་ཐུབ་བྱུང་ཡོད་པ་མ་ཟད། འབྱུང་འགྱུར་ལོ་ངོ་བཅུ་ཕྲག་གཉིས་ལྷག་བཞུགས་ཏེ་འགྲོ་བའི་དོན་མི་མཐུད་མཛད་པ་བསྐྱང་རྒྱུ་ཡིན་ཞེས་བཀའ་སྩལ་སོང་།
2025-03-14
ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༡༤ ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ལམ་བརྒྱུད་འཛམ་གླིང་ཞི་བདེའི་ཆེད་སྨོན་ལམ་གསུང་འཕྲིན་ཞིག་སྩལ་བའི་ནང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་བཟུང་སྟེ་འཛམ་གླིང་ནང་གི་རྩོད་རྙོག་ཞི་འགྲིག་ཡོང་ཐབས་ལ་འབད་དགོས་པའི་ལམ་སྟོན་གནང་འདུག
2025-03-13
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེ་དང་སྙིང་རྗེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་མཛད་རྗེས་ལ་ངོས་འཛིན་གྱིས་ ༢༠༢༥ ་ལོའི་ (Gold Mercury) ་གསེར་གྱི་གཟེངས་རྟགས་དེ་མགོན་པོ་མཆོག་ལ་ཕུལ་གཏན་འཁེལ་འདུག
2025-03-13
ཟླ་ ༣ ཚེས་ ༡༣ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དགའ་ལྡན་ཤར་རྩེ་གྲྭ་ཚང་གཙོས་པའི་གདན་ས་ཁག་གི་དགེ་འདུན་པ་ ༥༡ ལ་དགེ་སློང་གི་སྡོམ་པ་སྩལ་བ་དང་འབྲེལ། གཙོ་བོ་བསྒྲུབ་བྱ་རྣམས་ནས་གཞན་དོན་བསྒྲུབ་རྒྱུ་དང་། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པའི་ལམ་སྟོན་སྩལ་གནང་མཛད་ཡོད་པ།
2025-03-12
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་གི་ཡང་སྲིད་རྒྱ་ནག་མིན་པར་རང་དབང་གི་རྒྱལ་ཁབ་ཅིག་ཏུ་འཁྲུངས་ངེས་ཡིན་ཞེས་དང་འདི་ལོར་མགོན་པོ་མཆོག་གང་ཉིད་དགུང་ལོ་ ༩༠ ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། ༸སྐུའི་ཡང་སྲིད་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་ཡོངས་གྲགས་གནང་འཆར་ཡོད་པ་ཕྱག་དེབ་གསར་པའི་ནང་གསུངས་འདུག
2025-03-12
དེ་རིང་ཕྱི་ཟླ་ ༣ ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བ་ཀུ་ལ་རིན་པོ་ཆེའི་ཡང་སྲིད་མཆོག་སྤུལ་རིན་པོ་ཆེ་དང་གུང་འབར་ཆེ་ཚང་རིན་པོ་ཆེ་གཙོས་ས་ཕྱོགས་གང་ས་ནས་ཕེབས་པའི་དགེ་འདུན་པ་ ༥༡ ཙམ་ལ་བསྙེན་རྫོགས་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་པ་འབྲེལ་མགོན་པོ་གང་ཉིད་ནས་སྡོམ་པ་ཉམས་བཞེས་གནང་ཚུལ་དང་། རྗེས་འཇུག་སློབ་མ་ཚོས་བསླབ་པ་གསུམ་གྱི་ཉམས་ལེན་གནང་ཚུལ་སྐོར་ལམ་སྟོན་མཛད་འདུག
2025-03-11
ཟླ་ ༣ ཚེས་ ༡༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲྭ་བཙུན་ ༧༥ ལ་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་མཛད་པ་དང་སྦྲགས། བསླབ་སྡོམ་རྣམ་དག་སྲུང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པའི་ལམ་སྟོན་མཛད་འདུག
2025-03-08
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བགྲེས་པ་དང་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཚོར་མཇལ་ཁ་སྩལ་བ་དང་འབྲེལ། ཚེ་རབས་མང་པོའི་ལས་དང་སྨོན་ལམ་གྱིས་ཞབས་ཕྱི་ཞུ་རྒྱུའི་བསྐལ་བ་བྱུང་བ་ཡོད་པ་བཞིན། འབྱུང་འགྱུར་ཡང་ཚེ་རབས་མང་པོར་༸རྒྱལ་བའི་ཞབས་ཕྱི་སྒྲུབ་ཐུབ་པའི་སྨོན་ལམ་ཡོད་ཅེས་བཀའ་སྩལ་འདུག
2025-03-07
ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་པ་ཝི་ར་ནི་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་པར་དགའ་ཚོར་ཆེན་པོ་བྱུང་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་བྱུང་།