༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་རྟེན་འབྲེལ་བསྟོད་པ་དང་ཐུགས་རྗེ་ཆེན་པོའི་བཀའ་དབང་སོགས་བསྩལ་གནང་ཡོད་པ།

2022.06.04
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་རྟེན་འབྲེལ་བསྟོད་པ་དང་ཐུགས་རྗེ་ཆེན་པོའི་བཀའ་དབང་སོགས་བསྩལ་གནང་ཡོད་པ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྟེན་འབྲེལ་བསྟོད་པ་དང་ཐུགས་རྗེ་ཆེན་པོའི་བཀའ་དབང་སོགས་བསྩལ་གནང་ཡོད་པ།
Photo: RFA

ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་ནང་གི་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོན་ཏུ་གཞིར་གྱུར་མ་དང་རྟེན་འབྲེལ་བསྟོད་པ། ཐུགས་རྗེ་ཆེན་པོའི་བཀའ་དབང་སོགས་བསྩལ་གནང་སྐབས། དད་པ་དམ་ཚིག་གཡོ་བ་མེད་པའི་བོད་ནང་གི་བོད་མི་ཚོར་དྲ་ལམ་བརྒྱུད་དབང་ཐོབ་རྒྱུ་ཡིན་པ་བཀའ་གནང་བའི་གསུང་ཆོས་གནང་ཡོད་པས་ཉིན་གཉིས་པའི་བཀའ་དབང་གི་ཞིབ་ཕྲའི་གནས་ཚུལ་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎