༧གོང་ས་མཆོག་ནས་ས་ག་ཟླ་བའི་ཚེས་གཅིག་ཉིན་བྱང་སེམས་དང་སྟོང་ཉིད་ཉམས་ལེན་སྐོར་བཀའ་སློབ།
2018.05.26

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་། བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་གཅིག་ཉིན་བཞུགས་སྒར་རྡ་རམ་ས་ལར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཇོ་ལུགས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་གནང་སྐབས་བྱང་ཆུབ་སེམས་དང་སྟོང་ཉིད་ཉམས་ལེན་བྱུང་ན་ཉིན་རེ་བཞིན་སེམས་བག་ཕེབས་དང་སྐྱིད་པ་ཡོང་རྒྱུ་དང་། མ་ཎིའི་ཕན་ཡོན་སོགས་འགྲེལ་པ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཁག་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།