༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་གསལ་བསྒྲགས།


2014.05.23
 ༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་གསལ་བསྒྲགས། ༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་འཆར་ཐད་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་ལྷན་ཚོགས་ཐོག་གསལ་བསྒྲགས་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།
༄༅། །ཕྱི་ལོ་ ༢༠༡༤ ལོ་འདི་ནི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་ཡིན་པའི་སྐོར། ཟླ་འདིའི་ཕྱི་ཚེས ༢༣ ཉིན་བཞུགས་སྒར་དུ་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བེ་ཡིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

 

གསར་འགོད་པ་བློ་བྷེ།

དེ་ཡང་སྤྱི་ལོ་༢༠༡༤ལོ་འདི་བཞིན་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་བཞིན་ཚོགས་མི་ལྔ་ལས་གྲུབ་པའི་གོ་སྒྲིག་ཚོགས་ཆུང་ཞིག་ཀྱང་བསྐོ་གཞག་གནང་ཡོད་པ་རེད། ཚེས་༢༣ཉིན་གོ་སྒྲིག་ཚོགས་ཆུང་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐྱངས་པའི་ཐོག་བཀའ་ཤག་ལ་ལྟར་འབུལ་ཞུས་པའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་ཕྱོགས་ཀྱི་ལས་འཆར་གསལ་བསྒྲགས་གནང་ཡོད་པ་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་གྲས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ལས་འཆར་གཏན་འབེབས་གནང་བ་༢༥ཡོད་པའི་ཁོངས་ནས་ཆོས་རིག་ལས་ཁུངས་ཀྱི་འོག་ལ་ལས་རིམ་ལྔ་དང་། ནང་སྲིད་ལས་ཁུངས་ལ་ལས་རིམ་གཉིས། ཤེས་རིག་ལས་ཁུངས་ལ་ལས་རིམ་བཞི། ཕྱི་དྲིལ་ལས་ཁུངས་ལ་ལས་རིམ་ལྔ། འཕྲོད་བསྟེན་ལས་ཁུངས་ལ་ལས་རིམ་གཅིག། གོ་སྒྲིག་ཚོགས་ཆུང་ལ་ལས་རིམ་བརྒྱད་བཅས་གཏན་འཁེལ་བྱུང་ཡོད་པ་དང་། དེ་དག་གི་ནང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་པར་བརྟེན་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་༢༥ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོ་དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་འབྲེལ་ཐོག་སྲུང་བརྩི་ཞུས་ཡོད་པ་དང་། དེ་བཞིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་ལྦེ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་བརྟེན་ཉེ་སྔོན་ནོར་ཝེ་རྒྱལ་ས་ཨོས་ལོའི་ལོར་ནོ་བེལ་བསྟི་གནས་ཁང་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་ཁག་ལྔ་དང་ལྷན་༸གོང་ས་མཆོག་དང་གསོལ་སྟོན་ཚོགས་འདུའི་མཛད་རིམ་བསྐྱངས་པ་སོགས་ལས་རིམ་གཉིས་གོ་སྒྲིག་ཞུས་ཟིན་པ་གསལ་འདོན་གནང་འདུག ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་རིམ་ཁོངས་སུ་འདི་ལོ་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༩ ཕེབས་པའི་སྐབས་དབུས་ས་གཉིས་སུ་སྐུའི་འཁྲུངས་སྐར་སྔར་ལྷག་གཟབ་རྒྱས་ངང་སྲུང་བརྩི་ཞུ་རྒྱུ་དང་། ༧གོང་ས་མཆོག་གིས་བོད་མིར་མང་གཙོ་གསོལ་རས་བསྕལ་བར་བཀའ་དྲིན་རྗེས་དྲན་ཞུ་ཆེད་དམངས་གཙོ་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་ལ་སོགས་པའི་ལས་འཆར་ཁག་དབུས་ས་གཉིས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་གཞིས་ཆགས་ཁག་དང་། ཆོས་སྡེ་ཁག། སློབ་གྲྭ་ཁག་གི་ནང་ལས་འཆར་སྤེལ་རྒྱུ་ཡིན་པ་ངོ་སྤྲོད་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎