ཆུ་སྒང་དབུས་རྒྱུན་སྐབས་༢༠པའི་འོས་བསྡུ།
2014.04.14

དགེ་བཤེས་སྨོན་ལམ་མཐར་ཕྱིན།
༄༎དེ་རིང་གི་དམིགས་བསལ་གསར་འགྱུར་ནང་མདོ་ཁམས་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་སྐབས་ ༥ པས་འགན་ཁུར་གྱིས་ཆུ་སྒང་དབུས་རྒྱུན་སྐབས་ ༢༠ པའི་སྔོན་འགྲོའི་འོས་བསྡུའི་ལས་རིམ་ཁག་ལེགས་གྲུབ་བྱུང་བ་དང་དངོས་གཞིའི་འོས་བསྡུ་ཆེན་མོ་དེ་ད་ལོ་སྤྱི་ཟླ་༥པའི་ཚེས་༣ཉིན་གནང་རྒྱུ་ཡིན་པའི་སྐོར་ཆུ་སྒང་དབུས་འོས་བསྡུའི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་ཚེ་དབང་ནོར་བུས་བཅའ་འདྲི་ཞུས་པ་གསན་རོགས་ཞུ༎